澳门国际百家乐

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། 澳门国际百家乐ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“བོད་ཀྱི་ཕྱག་རྟགས”རྒྱལ་སྟོན་དུས་ཆེན་ལ་ཕུལ་བ་ཞེས་པའི་བོད་ལྗོངས་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲན་ཚོགས་དངོས་སུ་འགོ་ཚུགས་པ།

སྤེལ་དུས 2019-09-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  རིག་གཏོད་ཡུལ་སྐོར་ཐོན་རྫས་སྟོང་ཕྲག་ལ་ཉེ་བ་ཅིག་མེ་ཏོག་གིས་བསྐོར་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ།”ཞེས་པ་མཚོན་པར་བྱས་ཡོད་ལ།  བོད་ཀྱི་རིག་གཏོད་ཡུལ་སྐོར་ཁེ་ལས་འཐུས་མི་དང་འཁྲབ་སྟོན་མི་སྣ་བརྒྱ་ལྷག་གིས་མཉམ་དུ་ལག་གི་མེ་ཏོག་གཡུག་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། ……ཟླ་9པའི་ཚེས་28ཉིན་གྱི་དགུང་མོར།  སྐབས་བདུན་པའི་“བོད་ཀྱི་ཕྱག་རྟགས”ཞེས་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲན་ཚོགས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་ཏེ།  ཕྱོགས་ཡོངས་ནས་བསྡུ་རུབ་བྱེད་པའི་བྱ་བའི་འགོ་དངོས་སུ་ཚུགས།
ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།
               འགྲན་ཚོགས་འདི་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་སྒྲུབ་མཛད་པ་དང་།  སྤྱི་ལོ་2013ལོར་འགོ་ཚུགས་ནས་ད་བར་སྐབས་དྲུག་སྤེལ་ཚར་སོང་།  ལོ་ངོ་དྲུག་གི་འཁོར་སྐྱོད་དང་ཉམས་མྱོང་བརྒྱུད་ནས་འགྲན་ཚོགས་དེ་བོད་ལྗོངས་ཡུལ་སྐོར་རིག་གཏོད་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་བའི་བྱེད་སྒོར་གྱུར་ཡོད།  ད་ལོའི་འགྲན་ཚོགས་སུ་“རིག་གཏོད”དང་ཡུལ་སྐོར་ཚོང་ཟོག་མཉམ་འདྲེས་འབུར་དུ་བཏོད་ནས།   མིང་ལ་“བོད་ཀྱི་ཕྱག་རྟགས་ཞེས་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲན་ཚོགས”ཞེས་སུ་གསོལ།
               ཁྱབ་བསྒྲགས་ཚོགས་འདུའི་སྟེང་བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཛིན་མི་སྣས་བརྗོད་དོན།   ཐེངས་འདིའི་འགྲན་ཚོགས་ནི་ལོ་སྔོན་མ་དག་དང་བསྡུར་ན།  མིང་ཐོ་འགོད་པའི་ཚད་བཀག་ཇེ་ཉུང་དུ་བཏང་སྟེ།  བྱ་དགའ་སྔར་ལས་མཐོན་པོ་སྟེར་རྒྱུ་ཡིན་པས།  གསར་གཏོད་ཀྱི་བློ་བཀོད་ལྡན་པའི་བོད་ཀྱི་རིག་གཏོད་ཡུལ་སྐོར་ཁེ་ལས་འདིར་ཞུགས་ཐུབ་པར་རེ་བ་ཡོད་ལ།  སྤུས་ཀ་མཐོ་བའི་བོད་ཀྱི་ཕྱག་རྟགས་མི་རྣམས་ཀྱི་སེམས་གཏིང་ལ་འབབ་དུ་བཅུག་ནས།  མུ་མཐུད་ནས་བོད་ཀྱི་ཡུལ་སྐོར་སྣང་བརྙན་མཐོར་འདེགས་དང་།  དངོས་པ་དོན་གྱི་སྒོ་ནས་“བོད་ལྗོངས་གསར་པར་ཡུལ་སྐོར་བྱེད་པ་དང་། སྣེ་གསུམ་པ་སྲུང་སྐྱོང་བྱེད་པ།”ཞེས་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་འབུར་དུ་གཏོད་དགོས་ཞེས་ཟེར། 
               ཤེས་རྟོགས་བྱུང་བར་གཞིགས་ན།  གསར་བྱུང་ཁེ་ལས་དང་གསར་བྱུང་ཚོགས་པ་སྔར་ལས་མང་པོ་ཞིག་གི་ནུས་རྩལ་ཐོག་མར་མངོན་དུ་འཇུག་ཆེད།  ད་ལོའི་ཡུལ་སྐོར་ཚོང་ཟོག་འགྲན་ཚོགས་སུ་ཐོན་རྫས་ཀྱི་རིགས་དབྱེ་མེད་པར་བཟོས་པ་དང་།  འགྲན་ཞུགས་མིང་ཐོ་འགོད་པར་རིགས་དབྱེའི་ཚད་བཀག་མེད་པར།  བཟང་པོའི་ནང་གི་ཡང་རྩེ་འདེམས་པར་སྐུལ་འདེད་བཏང་།   བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་ཀྱི་ཇུས་འགོད་དང་གསར་སྤེལ་བྱས་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་ཞིག་ཡིན་ཚུན་ཆད་ལ།   བཀོལ་སྤྱོད་ཀྱི་གསར་གཏོད་དང་འཚམས་ལ་ལྡེབ་མའི་ཐོན་སྐྱེད་ཆོག་པ་སོགས་ཀྱི་ཆ་རྐྱེན་ལྡན་པའི་ཡུལ་སྐོར་རིག་གཏོད་ཐོན་རྫས་ཚང་མས་མིང་ཐོ་འགོད་ཆོག 
               དེ་ལས་གཞན།  འགྲན་ཚོགས་སུ་བྱ་དགའ་ཐོབ་པའི་ཁེ་ལས་ཀྱི་བྱ་དགའི་རོགས་དངུལ་ཇེ་མཐོར་བཏང་ཡོད་པ་མ་ཟད།  ཁེ་ལས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལའང་རོགས་སྐྱོར་གནང་རྒྱུ་རེད།  དེའི་ནང་དུ་ཚུད་པའི་ཐོན་རྫས་ཚང་མར་བོད་ལྗོངས་སྣེ་གསུམ་པའི་མི་རིགས་ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་ལྟེ་གནས་ཀྱི་“བོད་ལྗོངས་ཡུལ་སྐོར་རིག་གཏོད་སྤུས་ལེགས་ཐོན་རྫས་ཁང”དུ་རིན་མེད་འགྲེམ་འཚོང་དང་དྲིལ་སྒྲོག་བྱེད་པའི་གོ་སྐབས་ཡོད་ལ།  ད་དུང་པེ་ཅིང་ཕོ་བྲང་རྙིང་པའི་རིག་གཏོད་སོགས་རྒྱལ་ཡོངས་ཀྱི་ཡང་རྩེའི་རིག་གཏོད་དཔུང་ཁག་དང་མཉམ་དུ་འགྲན་པའི་གོ་སྐབས་ཀྱང་ལྡན་ངེས་ཡིན།
线上百家乐网址大全 澳门百家乐交流群 安徽快3 江苏快三 江苏快3 安徽快3 澳门网上百家乐 澳门百家乐交流群 澳门国际百家乐 澳门百家乐网站