澳门国际百家乐

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། 澳门国际百家乐བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 澳门国际百家乐གསར་འགྱུར་མེ་ལོང་།

བོད་ལྗོངས་ལས་རིགས་རྩལ་ནུས་ཀྱི་རྟིང་རྩོད་འགྲན་སྡུར་སྤེལ་འགོ་ཚུགས་ཤིང་ཐང་ག་དང་ཤིང་བརྐོས་སོགས་ཐེངས་དང་པོར་འགྲན་སྡུར་གྱི་རྣམ་གྲངས་ནང་བཅུག་ཡོད།

སྤེལ་དུས 2019-10-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཤེས་ལྡན་མི་སྣའི་སྤུས་ཀ་ཚད་མཐོའི་ངང་འཕེལ་རྒྱས་སུ་གཏོང་བ། ལག་རྩལ་བཟོ་པའི་ཐོབ་ཐང་མཐོར་འདེགས་སུ་གཏོང་བ། རྩལ་ནུས་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་མྱུར་ལམ་གཏོད་པ།  རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣའི་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ལས་རིགས་རྩལ་ནུས་འགྲན་སྡུར་གྱིས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། འདེམ་སྒྲུག སྐུལ་ལྕག་བཅས་ཐད་ཀྱི་ནུས་པ་གལ་ཆེན་སྔར་བས་དྲིལ་བསྒྲགས་དང་རྩལ་ནུས་ཤེས་ལྡན་མི་སྣར་འགྱུར་བའི་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ་“ངལ་རྩོལ་གཟི་བརྗིད་ལྡན་པ་དང་། རྩལ་ནུས་རིན་ཐང་ཆེ་བ། གསར་གཏོད་རླབས་པོ་ཆེ་”བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་འབྱུང་ཆེད། ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་བྱས་པ་དང་། ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཉེར་འགན་འཁུར་བ།  བོད་ལྗོངས་ཨའེ་ལེ་ཕུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རོགས་གཉེར་བྱས་པའི་“2019 ལོའི་ཀྲུང་གོའི་རྩལ་ནུས་འགྲན་སྡུར་ཆེན་མོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་དང་སྤྱི་ཁྱབ་བཟོ་རིགས་ལས་རིགས་རྩལ་ནུས་འགྲན་སྡུར”གྱི་རྟིང་རྩོད་འགྲན་སྡུར་ལྷ་སར་སྤེལ་འགོ་ཚུགས་ཤིང་། ལག་རྩལ་ཤེས་ལྡན་མི་སྣ་120ཡིས་མཉམ་དུ་ནུས་རྩལ་འགྲན་པ་རེད།

             ཚེས་28ཉིན་གྱི་སྔ་དྲོར། “2019 ལོའི་ཀྲུང་གོའི་རྩལ་ནུས་འགྲན་སྡུར་ཆེན་མོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་དང་སྤྱི་ཁྱབ་བཟོ་རིགས་ལས་རིགས་རྩལ་ནུས་འགྲན་སྡུར”ཁྲོད་དུ་ཀྲུང་གོ་དང་ནུབ་ལུགས་ཀྱི་གྲོ་ཕྱེའི་བག་ལེབ་བཟོ་བའི་འགྲན་སྡུར་བྱ་ཡུལ་འཁྲུག་ཆ་དོད་པོ་བྱུང་ཡོད་པ་རེད། ཕྱེ་བརྫི་བ་དང་སྒོང་གཤེར་དཀྲུག་པ།  ཚལ་གཏུབ་པ་སོགས་ལས་དོན་ཚང་མ་དཔྱད་འདེམ་པ་རྣམས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 
             རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡེ་ཝུའེ་ཡིས་གསར་འགོད་པར་《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་2019ལོའི་ཀྲུང་གོའི་རྩལ་ནུས་འགྲན་སྡུར་ཆེ་མོ་སྤེལ་བའི་སྐོར་གྱི་ བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་སྟེ། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ད་ཐེངས་ཀྱི་འགྲན་སྡུར་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། འགྲན་སྡུར་ལ་ཁྱོན་རྣམ་གྲངས་བཞི་ཡོད་པ་དང་། ཀྲུང་ལུགས་ཀྱི་གྲོ་ཕྱེའི་བག་ལེབ་བཟོ་རྒྱུ་ཕུད་ཐང་ག་འབྲི་བ་དང་། ཤིང་བརྐོས་པར་མ། ནུབ་ལུགས་ཀྱི་གྲོ་ཕྱེའི་བག་ལེབ་བཟོ་བ་བཅས་ཚང་མ་བོད་ལྗོངས་ཀྱི་འགྲན་སྡུར་ཚན་པའི་ནང་ཐེངས་དང་པོ་བཅུག་པའི་རྣམ་གྲངས་རེད། འགྲན་སྡུར་འགོ་ཚུགས་པ་ནས་བཟུང་ལྗོངས་ཡོངས་སུ་བདམས་ཐོན་པ་200ལྷག་ཙམ་གྱིས་མིང་ཐོ་བཀོད་ཡོད། ཆེད་ལས་དཔྱད་འདེམ་ཨུ་ལྷན་གྱིས་དཔྱད་འདེམ་ནན་མོ་བྱས་པ་བརྒྱུད། རྣམ་གྲངས་བཞི་པོས་བདམས་ཐོན་པ་30དང་ཁྱོན་མི་120རྟིང་རྩོད་འགྲན་སྡུར་ནང་ཞུགས་ཡོད་པ་རེད།
             ད་ཐེངས་ཀྱི་ཀྲུང་གོ་དང་ནུབ་ལུགས་ཀྱི་གྲོ་ཕྱེའི་བག་ལེབ་བཟོ་བའི་འགྲན་སྡུར་གྱི་དཔྱད་འདེམ་པ་ཡིན་པའི་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་ཀྱི་ལྟ་སྐུལ་མཛུབ་ཁྲིད་པ། རང་སྐྱོང་ལྗོངས་གཡོས་སྦྱོར་ཟ་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲུའུ་ལི་ཆུན་གྱིས་གསར་འགོད་པར་ཉེ་བའི་ལོ་གཉིས་རིང་བོད་ལྗོངས་སུ་རྩལ་ནུས་འགྲན་སྡུར་མང་པོ་གཉེར་ཡོད། འགྲན་སྡུར་བྱས་པ་བརྒྱུད་ལས་རིགས་ཀྱི་ལས་ཞུགས་མི་སྣས་ལག་རྩལ་དོན་གཉེར་བྱ་རྒྱུར་སྐུལ་མ་ཐེབས་ནས་ཤེས་ལྡན་མི་སྣ་དང་། ཐོན་རྫས།  མ་བཅོས་རྒྱུ་ཆ་བཅས་གསར་པ་རྒྱུན་ཆད་མེད་པར་ཐོན་ཡོད་ཅེས་བཤད་པ་རེད།
             ཁྲུའུ་ལི་ཆུན་གྱིས་རྣམ་གྲངས་ནང་ཐོག་མར་ཐོན་པའི་ནུབ་ལུགས་ཀྱི་ གྲོ་ཕྱེའི་བག་ལེབ་བཟོ་བའི་ལས་རིགས་དེ་འགྲན་ཞུགས་མི་སྣར་མཚོན་ན་འགྲན་སློང་ཐེངས་ཤིག་རེད། དུས་ཚོད་ཀྱི་དབང་གིས་སྔོན་ལ་གྲ་སྒྲིག་བྱེད་དགོས་པའི་རྒྱུ་ཆ་ཕུད་སྙན་སེང་ཞུས་རྗེས་འགྲན་སྡུར་བྱ་ཡུལ་དུ་འཁྱེར་དགོས་ལ། རྒྱུ་ཆ་གཞན་དག་ཚང་མ་འགྲན་ཞུགས་མི་སྣས་ཡུལ་དངོས་སུ་བཟོ་དགོས་ཀྱིན་ཡོད། “ལས་གཉེར་མི་སྣར་ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱས་ན་གཞི་ནས་རྩལ་ནུས་མཐོ་རུ་འགྲོ་ཐུབ་ཅེས་བརྗོད་དགོས”ཞེས་བཤད།
             བོད་ལྗོངས་སུ་ཕེབས་ནས་ལོ་12སོང་བའི་ཕུའུ་ཐེན་ཡོན་ནི་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱི་གྲོ་ཕྱེའི་བག་ལེབ་བཟོ་མཁན་དགེ་རྒན་ཡིན་པ་དང་། ད་ཐེངས་ཁོང་གི་འགྲན་ཞུགས་བརྩམས་ཆོས་ནི་བྲག་གསུམ་མཚོ་ཡི་ཁྱད་ཆོས་ལྡན་བའི་ཞིམ་ཟས་ཤིག་ཡིན་ལ། “ངས་འགྲན་སྡུར་འདི་རིགས་བརྒྱུད་ནས་ཡུལ་དངོས་ཀྱི་ལས་རིགས་གཅིག་པ་རྣམས་ལ་བསམ་བློ་བརྗེ་རེས་དང་གྲོས་བསྡུར་བྱས་ཏེ་རང་ཉིད་ཀྱི་ལག་རྩལ་མཐོ་རུ་གཏོང་འདོད་ཡོད”ཅེས་ཕུའུ་ཐེན་ཡོན་གྱིས་དེ་ལྟར་བཤད།

             ཀྲུང་གོ་དང་ཕྱི་ལུགས་ཀྱི་གྲོ་ཕྱེ་བག་ལེབ་བཟོ་བའི་ལས་རིགས་འགྲན་སྡུར་སྤེལ་བ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཞོལ་འདོད་དཔལ་སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་སློབ་གྲྭའི་ནང་ཐང་གའི་རི་མོ་དང་ཤིང་བརྐོས་པར་མའང་མཉམ་དུ་སྤེལ་ཞིང་། འགྲན་སྡུར་ནང་ཞུགས་པའི་བདམས་ཐོན་པ་ནི་ལྗོངས་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལྷ་རིས་པ་དང་ཤིང་བརྐོས་པར་མའི་མཁས་ཅན་ཡིན།
             རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། འགྲན་སྡུར་ཆེན་མོར་“འགྲན་སྡུར་ནུས་རྩལ་གྱི་གསལ་ཆ་དོད་ཅིང་ལས་རིགས་ཀྱི་ཉམས་འགྱུར་མངོན་པ”བརྗོད་དོན་གཙོ་བོར་བྱས་ནས་“སྲོལ་རྒྱུན་ལས་རིགས”དང་“སྤྱི་ཁྱབ་ལས་རིགས་”ཀྱི་འགྲན་སྡུར་ལྷུ་ཚིགས་གཉིས་སུ་དབྱེ་ནས་ཉིན་གཉིས་རིང་འགྲན་སྡུར་བྱ་རྒྱུ་ཡིན། འགྲན་སྡུར་ཆེན་མོའི་ནང་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བྱ་དགའ་ཐོབ་མཁན་མི་6གཏན་འཁེལ་བྱས་པ་དང་། བྱ་དགའ་ཐོབ་པའི་བདམས་ཐོན་པ་“ལྗོངས་ཡོངས་ཀྱི་ལག་རྩལ་མཁས་པའི་”གཟི་བརྗིད་མཚན་སྙན་སྔོན་ལ་འོས་སྦྱོར་བྱ་རྒྱུ་རེད་ཅེས་མཚམས་སྦྱོར་གནང་།
             “ ཐེངས་འདིའི་འགྲན་སྡུར་ཆེན་མོ་གཉེར་བ་དེས་རང་སྐྱོང་ལྗོངས་ས་གནས་ཁག་གི་ལག་རྩལ་བཟོ་པའི་སློབ་གླིང་གི་སློབ་གཉེར་ཁྱད་ཆོས་དང་ཆུ་ཚད་མཚོན་པ་དང་། རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དམིགས་ཚད་མངོན་གསལ་དོད་དུ་གཏོང་བ། ས་ཁུལ་དང་གྲོང་ཁྱེར་ཁག་གི་རྩལ་ནུས་ཤེས་ལྡན་མི་སྣ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣར་སྣ་མང་མཉམ་འགུལ་དང་། བརྗེ་རེས་སློབ་སྦྱོང་། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་ཞིག་བསྐྲུན་ནས་ད་ཐེངས་ཀྱི་འགྲན་སྡུར་བརྒྱུད་རྒྱལ་ཁབ་ཀྱི་བཟོ་བ་ཆེན་པོའི་སྙིང་སྟོབས་མི་སེམས་སུ་ཟུག་པ་བྱས་ཡོད།”ཅེས་ཟླ་བ་ཚེ་རིང་གིས་དེ་ལྟར་གསུངས།
澳门金沙百家乐 澳门百家乐网站 澳门百家乐网站 澳门百家乐网站 百家乐官方网站 澳门百家乐玩法 江苏快3 澳门百家乐网站官网 pk10官网 澳门葡京百家乐