澳门国际百家乐

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
澳门国际百家乐ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2019-11-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
               ཟླ་11ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་སོག་རྫོང་དང་། འབྲི་རུ་རྫོང་། གསེར་རྙེད་ཆུས་སོགས་སུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ། དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་ཕེབས་ནས་ཞིང་འབྲོག་མང་ཚོགས་དང་སྤེལ་རེས་གནང་བ་དང་འབྲེལ་ཚང་མའི་སློབ་སྦྱོང་གི་གནས་ཚུལ་བཀའ་འདྲི་ཡང་གནང་བཞིན་པ།
               ཟླ་11ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་སོག་རྫོང་དང་། འབྲི་རུ་རྫོང་། གསེར་རྙེད་ཆུས་སོགས་སུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ། དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། 
               ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། 
               སྤྱོད་འགོ་ཚུགས་མ་ཐག་པའི་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་ལ་མ་དངུལ་བསྡོམས་སྒོར་ཁྲི་3000བཏང་བ་དང་། དེ་ནི་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་ཤིང་། རིག་གནས་ས་ཚིགས་དེར་དཔེ་ཀློག་ཁང་དང་། གསོ་སྦྱོང་སློབ་ཁང་། རོལ་རྩེད་བྱེད་སྒོ་ཁང་། སྒྱུ་རྩལ་ཚོམས་ཆེན་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཁང་བཙུགས་ཡོད་པ་རེད། གཟའ་མཇུག་དང་ཏག་ཏག་འཁེལ་བས་ཞིང་འབྲོག་མང་ཚོགས་དང་སློབ་མ་མི་ཉུང་བ་ཞིག་རིག་གནས་ས་ཚིགས་སུ་གསོ་སྦྱོང་དང་རོལ་རྩེད་བྱེད་སྒོར་ཞུགས་བཞིན་ཡོད་པ་དང་། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ཁོང་ཚོའི་སློབ་སྦྱོང་གནས་ཚུལ་བཀའ་འདྲི་ཡང་གནང་བ་རེད། 
               རིག་གནས་ས་ཚིགས་སུ་ཚང་མ་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཐུབ་པ་མ་ཟད། ད་དུང་ལུས་སྦྱོང་རོལ་རྩེད་བྱེད་རྒྱུ་ཡོད་པས་རིག་གནས་ས་ཚིགས་དེ་ཉེ་འགྲམ་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་སུ་གྱུར་བ་མཁྱེན་སྐབས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་བ་དང་། རིག་གནས་ས་ཚིགས་དེས་གནས་དེ་གའི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བར་ཁས་ལེན་གང་ལེགས་གནང་བ་རེད། 
               གསེར་རྙེད་ཆུས་རྟ་ཆེན་ཤང་དུ་ཝུའུ་དབྱིང་ཅེས་རྟ་ཆེན་ཤང་ལྟེ་བའི་སློབ་ཆུང་དུ་ཕེབས་ནས་སློབ་གྲྭ་འཛུགས་སྐྲུན་དང་སློབ་གསོ་དོ་དམ་གྱི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་རེད། སློབ་གྲྭའི་འགན་ཁུར་བས་མིག་སྔར་སློབ་གྲྭས་འཐུང་ཆུའི་མདོང་ལམ་མ་ལག་གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད་པ་མ་ཟད། ད་དུང་གཅིག་སྡུད་དྲོད་མཁོ་འདོན་ཐུབ་ཡོད་པས་སློབ་མའི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད་ཅེས་ཞུས་པ་རེད། ཝུའུ་དབྱིང་ཅེས་སྤྲོ་སྣང་ཆེན་པོའི་ངང་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བར་ཁྱམས་དང་གསར་བརྗེའི་སློབ་གསོའི་རྟེན་གཞིར་གཟིགས་སྐོར་གནང་ནས་ཕྲུ་གུ་ཚོའི་འཆད་འགྲེལ་གཟབ་ནན་ངང་གསན་པ་དང་འབྲེལ། སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་ཀུན་སྤྱོད་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བར་ཁས་ལེན་གནང་བ་རེད། 
               གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་ཨ་ཁུ་འབྲོག་པའི་ཡུལ་ཟོག་དཔལ་འབྱོར་མཉམ་ལས་ཁང་བཙུགས་ནས་ལོ་3ལྷག་ཙམ་སོང་རིང་མར་དང་། ལ་ལ། ཕྱུ་ར། ཞོ་སོགས་བོད་བྱང་ཐང་གི་ཁྱད་ལྡན་དཀར་ཆུའི་ཐོན་རྫས་བཙོངས་པ་དང་། 2018ལོར་ཁྱོན་ཡོང་འབབ་སྒོར་ཁྲི་86བྱུང་ནས་དུད་ཚང་དབུལ་པོ་208ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཝུའུ་དབྱིང་ཅེས་ནག་ཆུའི་འབྲོག་ལས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས། ཁྲོམ་ར་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་དགོས་མཁོར་དམིགས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་སྐྱེད་སྲིང་བྱེད་པ་དང་། ཤ་དང་དཀར་ཆུའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུཌ་ཆེ་རུ་བཏང་ནས། ཚོང་ཟོག་སྣ་ཁ་གཅིག་པ་དང་ངོ་བོ་གཅིག་མཚུངས་ཀྱི་འགྲན་རྩོད་མི་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད། 
               དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་བཞིན་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་ཤུགས་རྒྱག་པ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་ཁ་ཞེ་གཉིས་མེད། མང་ཚོགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་ཕན་འབྲས་དངོས་ཐོན་པ། རྩ་བ་བརྟན་སྲུང་དང་གསར་གཏོད་ཐད་ཚད་བརྒལ་ཡོང་བ་བྱེད་པ། ལག་བསྟར་དོན་འཁྱོལ་ཐད་ཆབ་སྲིད་ལ་སྣང་ཆེན་བཅས་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བོད་དུ་ལག་བསྟར་དོན་འཁྱོལ་བརྟན་པོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། 
               ཝུའུ་དབྱིང་ཅེས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པ་དང་། གནད་དོན་གྱི་ཕྱོགས་སྟོན་འཛུགས་པ། གནད་དོན་ལ་དམིགས་ནས་ཐག་གཅོད་དང་གནད་དོན་ལ་གཞིགས་ནས་དག་ཐེར་བཅས་བྱས་ནས། སློབ་སྦྱོང་གི་ཚ་རླབས་འཕྱུར་བ་དང་གནད་དོན་བཙལ་བཤེར་ནན་པོ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ས་བབ་མཐོ་བའི་འབྲོག་ཁུལ་གྱི་ཐོན་ཁུངས་འབེལ་པོར་གཞི་ཚུགས་ནས་གཙོ་ཁྲིད་ཐོན་ལས་གཏོད་པ་དང་། ནག་ཆུའི་དོན་དངོས་དང་ཟུང་འབྲེལ་གྱིས་ནག་ཆུའི་དོན་དངོས་དང་མཐུན་པའི་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ། མང་ཚོགས་ཚོས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་བརྗེས་ལ་ཁྲིད་སྟོན་བྱེད་པ། ཕྱུགས་རིགས་དགུན་དུས་གཅིག་སྡུད་བཤས་གཏོང་བ་སོགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལ་འགྱུར་ལྡོག་གཏོང་བ། ཕྱུགས་རིགས་བཤས་གཏོང་ཚད་དང་འཚོང་ཚད་མང་དུ་གཏོང་བ། སྲོལ་རྒྱུན་གྱི་རགས་ལས་རྣམ་པའི་ཐོན་སྐྱེད་ལས་སྣོན་བྱེད་སྟངས་ནས་ཞིབ་ཚགས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་དགོས། 
               སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེར་དམ་པོར་དམིགས་ཏེ་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མ་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་མིན་དང་དོན་འཁྱོལ་ཐུབ་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་པ། “བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”ཐད་ཤུགས་རྒྱག་པ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཀྱི་འགན་ལེན་བྱེད་དགོས། 
               ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་སྤྲོས་དགོས། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
澳门百家乐玩法 安徽快3 澳门百家乐玩法 澳门百家乐规则 澳门百家乐网站大全 百家乐网址 澳门百家乐玩法 百家乐网址大全 澳门百家乐游戏 澳门视频百家乐