澳门国际百家乐

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། 澳门国际百家乐པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཕུགས་འདུན་གསར་གཏོད་ཀྱི་ལྷ་སའི་དགྱེས་ཚོགས་བྱེད་སྒོའི་གཟའ་འཁོར་དེ་ཚེས་20ཉིན་ནས་འཚོགས་པ་རེད།

སྤེལ་དུས 2019-11-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

          ལྷ་ས་གྲོང་ཁྱེར་གྱི་ཉེ་བའི་ལོ་ཤས་རིང་གི་གཉིས་གཏོད་ལས་དོན་ཐད་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་། དེ་བཞིན་ཞབས་ཞུར་བརྟེན་ནས་བྱ་གཞག་གསར་གཏོད་བྱེད་པའི་ཞབས་ཞུའི་མ་ལག་སྔར་ལས་ལྷག་པའི་སྒོ་ནས་འཛུགས་ཆེད། “སེམས་ཀྱི་འགོ་ཚུགས་ས། མཉམ་འདྲེས་གསར་པ། འབྱུང་འགྱུར་དར་རྒྱས”ཞེས་པ་བྱེད་སྒོའི་བརྗོད་གཞི་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ཕུགས་འདུན་གསར་གཏོད་ཀྱི་དགྱེས་ཚོགས་བྱེད་སྒོ་སྐབས་དང་པོའི་གཟའ་འཁོར་དེ་ཚེས་20ཉིན་ནས་སྤེལ་བ་རེད། 

          ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་“གཉིས་གཏོད་དཔེ་སྟོན་”གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་བ་དང་། བྱེད་སྒོ་སྤེལ་ཡུན་ཉིན་5ཡིན་པ་རེད། བྱེད་སྒོའི་དུས་ཡུན་ནང་། བྱེད་སྒོ་སྤེལ་མཁན་གྱིས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཁུལ་སོ་སོའི་“གཉིས་གཏོད”ཀྱི་རྣམ་གྲངས་སྐོར་འགྲེམ་ཚོགས་འདུ་དང་། “གཉིས་གཏོད་”ཀྱི་རྣམ་གྲངས་གྲོས་མོལ་ཚོགས་འདུ། ལས་གཏོད་ཁག་ཁུར་དངུལ་བུན་ཚོགས་འདུ། ལས་གཏོད་མཐུན་ཚོགས་ཚོགས་ཆེན། ལས་གཏོད་སློབ་དཔོན་གསོ་སྦྱོང་ཚོགས་འདུ། ལས་གཏོད་དོ་དམ་ཤེས་ལྡན་མི་སྣའི་མཉམ་སྤྱོད་ཚོགས་འདུ། ལས་གཏོད་དོ་དམ་ཤེས་ལྡན་མི་སྣའི་གསོ་སྦྱོང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།  “ཐེངས་འདིར་དགྱེས་ཚོགས་ཀྱི་རྣམ་པས་བྱ་འགུལ་སྤེལ་བ་ནི་གསར་གཏོད་ཅིག་ཡིན་པ་དང་། ང་ཚོའི་རེ་བར་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་མང་བརྒྱུད་དེ། གྲོང་ཁྱེར་ཡོངས་ཀྱི་ལས་གཏོད་ན་གཞོན་རྣམས་ལས་གཏོད་བྱེད་པའི་ནང་ཞུགས་པའི་ཧུར་སེམས་ལ་སྐུལ་སློང་དང་སྲིད་ཇུས་ཤེས་རྟོགས་ཀྱི་ཚད་མཐོ་རུ་གཏོང་རྒྱུ་དང་། དུས་མཚུངས་སུ་དུས་རབས་གསར་པ་དང་། བརྗོད་དོན་གསར་པ། གོ་སྐབས་གསར་པ་བཅས་ཟུང་འབྲེལ་གྱིས་ལས་གཏོད་བྱེད་གྲབས་ཡོད་པའམ་ཡང་ན་ལས་གཏོད་བྱེད་བཞིན་པའི་རྒྱ་ཆེའི་ཕུགས་བསམ་ལྡན་པའི་ན་གཞོན་རྣམས་ཀྱིས་ལས་གཏོད་ལ་ཞབས་འདེགས་ཞུ་བའི་ཞབས་ཞུའི་མ་ལག་བཙུགས་ཤིང་། ལས་སྟེགས་བསྐྲུན་ནས། མིག་སྔར་ཁོ་ཚོའི་མདུན་དུ་ལྷགས་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ཏེ། ཧུར་བརྩོན་བྱེད་བཞིན་པའི་གཉིས་གཏོད་དང་ཕུགས་འདུན་དོན་གཉེར་བྱེད་མཁན་ཚང་མའི་ལས་གཏོད་ལམ་བུ་དེ་སྔར་བས་ཀྱང་ཡངས་པ་ཞིག་ཏུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན།”ཞེས་ལྷ་ས་གྲོང་ཁྱེར་གྱི་“གཉིས་གཏོད་དཔེ་སྟོན”གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ནེང་ཧྲིན་གྱིས་དེ་ལྟར་གསུངས། 

          2010ལོར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་གསར་གཏོད་ལས་དོན་སྤེལ་འགོ་ཚུགས་པའི་ཚུན་ལ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་གསར་གཏོད་ལས་དོན་དེ་དམངས་འཚོའི་ལས་གྲྭའི་ནང་ལ་བཅུག་ནས། དུས་རྣམ་ཀུན་ཏུ་ལས་གཏོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ལས་གཏོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ལས་གཏོད་ལས་སྟེགས་བསྐྲུན་ཏེ། ལས་གཏོད་རྣམ་པ་དང་རིག་ནུས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཐབས་བྱས་ཤིང་། 2011ལོ་ནས་2015ལོའི་བར། བོད་ལྗོངས་ཡོངས་སུ་སྔོན་ལ་《ལྷ་ས་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར》བཏོན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་ལམ་ཁ་ཕྱེས་ཤིང་། དེ་དང་བསྟུན་ནས། 《ལྷ་ས་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་ཁ་གསབ་ལག་བསྟར་བྱ་ཐབས》བཏོན་ཏེ་ལས་གཏོད་རོགས་དངུལ་དང་བྱ་དགའི་ཚད་གཞི་གསལ་བོར་བཟོས་ཤིང་། གྲངས་ཉུང་ཁག་ཐེག་དངུལ་བུན་དེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བརྟེན་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཏུ་བཞག་ནས། 《ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གྲངས་ཉུང་ཁག་ཐེག་དངུལ་བུན་བཀོལ་སྤྱོད་དོ་དམ་གཏན་འབེབས》བཏོན་ནས་དངུལ་རྩའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སྲིད་གཞུང་གིས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཡུན་རིང་ནུས་ལྡན་གྱི་ལམ་སྲོལ་བཙུགས་ཡོད། 
          སྟོབས་དང་ནུས་ཤུགས་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་གྱིས། ལྷ་ས་གྲོང་ཁྱེར་གྱི་གཉིས་གཏོད་ལས་དོན་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་བྱིན་ཡོད་དེ། འབྲེལ་ཡོད་གཞི་གྲངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཀུན་གཏོད་བར་སྟོང་50དང་། གསར་གཏོད་ལས་གཏོད་རྟེན་གཞི་22བསྐྲུན་ཡོད་ཅིང་། 2018ལོའི་ལོ་མཇུག་བར་གཉིས་གཏོད་གཞི་རྟེན་ཁག་གིས་གསར་གཏོད་ལས་གཏོད་ཚོགས་པ་724ནང་འདྲེན་བྱས་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་1214(དེའི་ནང་ཕྱིའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་340དང་། ནང་གི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་874ཡོད)དང་། མཐོ་རིམ་སློབ་གྲྭའི་བཅའ་སྡོད་སློབ་ཐོན་སློབ་མའི་ལས་གཏོད་ཚོགས་པ་392དང་། གསར་གཏོད་ལས་གཏོད་རྣམ་གྲངས་1348གྲབས་གསོག་བཅས་བྱས་པའི་ནང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་2267ཡོད་པ་དང་མི་7611གི་ལས་ཞུགས་ལ་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད། གསར་གཏོད་ལས་གཏོད་ཀྱི་གཞི་རྟེན་བསྐྲུན་པས། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གྲངས་འབོར་དང་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཤིང་། དུས་མཚུངས་སུ་ལྷ་སའི་ལས་ཞུགས་ཁྲོམ་རའི་ཤོང་ཚད་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་གནོན་ཡང་ཇེ་ཆུང་དུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།   
澳门代理百家乐 澳门百家乐网站官网 澳门百家乐玩法 安徽快3 澳门百家乐代理 网上百家乐网站 澳门视频百家乐 澳门葡京百家乐 澳门百家乐技巧 百家乐官方网站