澳门国际百家乐

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

སློབ་ཆེན་སློབ་མ་དུས་རབས་གསར་པའི་ལས་གཏོད་པར་ཧུར་ཐག་འགྱུར་བ་བྱེད་དགོས།

སྤེལ་དུས 2019-07-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཁྲུའུ་ཝུའུ་ཀན།
          ད་ཕན་ལོ་ཤས་རིང་། སྤྱི་ཚོགས་ཡོངས་ཀྱིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་བསྟུན། སློབ་ཆེན་སློབ་མ་མང་པོ་ཞིག་རང་བརྟེན་ལས་གཏོད་ཀྱི་ལམ་བུར་བསྐྱོད་པས་ཧུར་བརྩོན་ཆེ་བའི་རང་བརྟེན་ལས་གཏོད་པར་གྱུར་པ་དང་། འབད་འཐབ་ཁྲོད་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གྱིས་ཁྲོམ་རའི་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་རོགས་སྐྱོར། ལས་སྟེགས་གཏོད་པ། རྩལ་ནུས་གསོ་སྦྱོང་སོགས་ལ་བྱ་ཐབས་རབ་དང་རིམ་པ་བཏོན་ནས་སློབ་ཆེན་སློབ་མ་རང་བརྟེན་ལས་གཏོད་ཀྱི་ལམ་བུར་བསྐྱོད་པར་ལྕག་སྐུལ་དང་། རོགས་སྐྱོར། ཁྲིད་སྟོན་བཅས་ཧུར་ཐག་བྱས་ཡོད། ད་ཕན་ལོ་ཤས་རིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱུན་མཐུན་ངང་ཤུགས་བརྒྱབ་པས་རང་ལྗོངས་ཀྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་རང་བརྟེན་ལས་གཏོད་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད། ཁོང་ཚོས་ཁྲོམ་རར་བརྟེན་པ་དང་། གོ་སྐབས་བཟུང་བ། གདོང་ལེན་པ་བྱེད་ཕོད་པ་བཅས་འོད་སྟོང་འཕྲོ་བའི་ལང་ཚོར་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།
          ང་ཚོ་འགྲན་རྩོད་ཆེ་བའི་དུས་རབས་ཤིག་ཏུ་གནས་ཡོད་པ་དང་། ལྷག་པར་དུ་མིག་སྔའི་འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྐུལ་འདེད་འོག་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཟམ་མི་ཆད་པར་ཐོན་ཏེ་ལས་ཞུགས་ཀྱི་མཐོ་རླབས་གསར་པ་འཕྱུར་ནས་ལས་གཏོད་ཀྱི་གོ་སྐབས་གསར་པ་མང་པོ་འཕྲད་ཡོད། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་དུས་རབས་འདི་ལས་གཏོད་དང་འཚམ་པའི་དུས་རབས་ཤིག་ཡིན་པས་ལས་གཏོད་ཀྱི་སྐབས་དང་ཏག་ཏག་འཁེལ་ཡོད། དོན་དངོས་ཐོག་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་རང་བརྟེན་ལས་གཏོད་ཀྱི་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། སློབ་ཆེན་སློབ་མའི་རང་བརྟེན་ལས་གཏོད་དེའང་སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་དང་རང་བརྟེན་ལས་གཏོད་དེ་དུས་རབས་ཀྱི་གཞོན་ནུ་ལས་ཞུགས་ཀྱི་འཕེལ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། ལས་གཏོད་ལ་ཉེན་ཁ་ཡོད་དེ“རྔ་རྡུང་དར་འཕྱར”ཞིག་གཏན་ནས་མིན། ལས་གཏོད་བྱེད་རིང་། ཐང་སྡེར་དང་གཡང་གཟར་ཡོད་ལ་དལ་བུར་རྒྱུག་པའི་ཆུ་རྒྱུན་དང་ཉེན་ཡོད་གྲམ་ཐང་ཡང་ཡོད། དེ་བས་དགའ་སྐྱོ་གཉིས་ལྡན་ཡོད་པ་སྨྲོས་མེད་རེད། འོན་ཀྱང་། “སྐྱུར་མོ་ཞིག་དང་མ་འཕྲད་ན། མངར་མོ་ཐམས་ཅད་ཅང་ཅང་ཡིན”ཞེས་པ་ལྟར་རེད། ཕུགས་འདུན་ཡོད་ཚེ་ལང་ཚོའི་གོམ་སྟབས་ནམ་ཡང་སྲ་ཞིང་བརྟན་པ་དང་། དད་སེམས་ཡོད་ཚེ། དཀའ་ཚེགས་ཀྱི་ཁྲོད་ནས་རེ་བ་དང་འོད་ཟེར་མཐོང་ཐུབ་ལ། འབད་འབུངས་ཀྱི་ཁྲོད་ནས་ཕུགས་འདུན་རིམ་པས་མངོན་འགྱུར་ཐུབ།
རྩོམ་སྒྲིག་པ། རྡོ་རྗེ།
澳门百家乐游戏 百家乐官方网站 澳门网上百家乐 澳门网上百家乐 澳门百家乐交流群 百家乐网址 安徽快三 安徽快3 澳门百家乐攻略 安徽快三