澳门国际百家乐

ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས། འདི་ལོ་95%ཡན་གྱི་གྱོད་གཞིའི་གྱོད་འབྲེལ་དངུལ་ཚང་མ་དོ་བདག་ལ་སྤྲད་ཐུབ་པ།

སྤེལ་དུས 2018-12-19 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“ཐོགས་མེད་བགྲོད་ལམ”བཏོད་དེ། སྔོན་དུ་གྱོད་དོན་ཐོ་འགོད་དང་། སྔོན་དུ་ལག་བསྟར། སྔོན་དུ་དངུལ་སྤྲོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། འདི་ལོའི་ཟླ་12ཚེས་5ཉིན་བར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ངལ་རྩོལ་རྩོད་གཞིའི་ལག་བསྟར་གྱོད་གཞི་48བདག་སྤྲོད་བྱས་པ་དང་། དེའི་ཁྲོད་དུ་བཟོ་པའི་གླ་ཆ་དང་འབྲེལ་བའི་གྱོད་གཞི་44དང་ལས་རྨས་གུན་གསབ་ཀྱི་གྱོད་གཞི་4ཡོད་པ་དང་། གྱོད་མཇུག་འགྲིལ་བའི་གྱོད་གཞི་47ཟིན་པ། ཁྱོན་དངུལ་སྒོར་2414408.35སྤྲད་ནས། དངོས་སུ་དོན་འཁྱོལ་ཐུབ་ཚད་95%ཟིན་པ་དང་། གྱོད་གཞི་95%ཡན་གྱི་གྱོད་འབྲེལ་དངུལ་ཚང་མ་སྤྲད་པ་དང་འབྲེལ། གྱོད་གཞི་ཐག་གཅོད་མཇུག་འགྲིལ་ཡོད། དེ་འདྲའི་ནུས་ཆེའི་ལག་བསྟར་ལས་དོན་ལ་ངལ་རྩོལ་པ་དང་ཞིང་པ་ལས་མིའི་རྒྱ་ཁྱབ་ཀྱི་གདེང་འཇོག་ཐོབ་ནས་ལག་བསྟར་འདུན་ཞུ་བྱེད་མཁན(ངལ་རྩོལ་པ)5ཡིས་ལག་བསྟར་ཁྲིམས་དཔོན་ལ་གོས་དར་སྤྲད་པ་དང་། པེ་ཅིང་དུ་ཡོད་པའི་ལག་བསྟར་འདུན་ཞུ་བྱེད་མཁན་གཅིག་གིས་ཆེད་མངགས་ཐུགས་རྗེ་ལེགས་འབུལ་ཞུ་ཡིག་བསྐུར་ནས་ལག་བསྟར་ཁྲིམས་དཔོན་གྱིས་ལས་འགན་གཙང་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
              ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་སྔ་བར་ཕྱི་གསུམ་དུ་ཉམས་ཞན་ཚོགས་སྤྱིའི་ཁེ་ཕན་ལ་དོ་ཁུར་བྱས་ནས་སྲིད་གཞུང་ལ་ལག་བསྟར་རོགས་སྐྱོབ་དངུལ་འདུན་ཞུ་གང་ཐུབ་བྱས་པ་རེད།
              ཉམས་ཞན་ཚོགས་སྤྱི་དེ་དག་ལ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་ཁྲིམས་འཛིན་མི་ཆོས་ཀྱི་ཐུགས་ཁུར་སེམས་པ་བཅངས་ནས་གོང་རིམ་གྱི་འབྲེལ་ཡོད་དགོངས་དོན་དང་བྱེད་ཐབས་གཞིར་བཟུང་། ལག་བསྟར་གྱི་རོགས་སྐྱོབ་དངུལ་བརྩོན་ལེན་བྱེད་གང་ཐུབ་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་ལག་བསྟར་འདུན་ཞུ་མཁན་ལ་རོགས་སྐྱོབ་བྱེད་པའི་རྣམ་པའི་ཐོག་ནས་གྱོད་གཞི་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ་རེད། 2018ལོར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ཆ་རྐྱེན་དང་མཐུན་པའི་དོ་བདག་གཉིས་ལ་ལག་བསྟར་རོགས་སྐྱོབ་དངུལ་སྒོར་ཁྲི་10སྤྲད་དེ་ངལ་རྩོལ་པ་དང་ཞིང་པ་ལས་མིའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།
              2018ལོའི་ཟླ་བཅུ་གཉིས་ནས་2019ལོའི་ཟླ་གསུམ་པ་བར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ངལ་རྩོལ་རྩོད་གཞིའི་གྱོད་གཞི་དང་ངལ་རྩོལ་གླ་ཆ་འདེད་པའི་རྩོད་གཞིའི་གྱོད་གཞི་ཧ་ཅང་མང་དུ་འགྲོ་རྒྱུ་རེད། ངལ་རྩོལ་རྩོད་གཞི་ལག་བསྟར་གྱི་གྱོད་གཞི་མང་བ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་བར་བསམས་ནས། གོམ་སྟབས་རྗེས་མར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ལ་རྐང་འཛིན་པ་མཉམ་རུབ་དང་། ལག་བསྟར་ལས་དོན་གྱི་བྱེད་ཐབས་ལ་སྣང་ཆེན་བྱས་ཏེ་བཙན་ཐབས་དང་ཞི་འཇམ་གྱི་སྒོ་ནས་ལག་ལེན་བསྟར་རྒྱུ་ཟུང་འབྲེལ་བྱས་ཏེ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ལ་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་པ་རེད། 
澳门视频百家乐 线上百家乐网址大全 安徽快三 澳门百家乐游戏 澳门代理百家乐 澳门视频百家乐 百家乐网址大全 澳门在线百家乐 百家乐网址 pk10官网