澳门国际百家乐

ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

བཟའ་ཚང་འཐོར་སྐབས་བུ་ཕྲུག་གི་སྙོར་སྐྱོང་གྲོན་དངུལ་ཇི་ལྟར་སྟེར་དགོས་སམ།

སྤེལ་དུས 2018-01-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
    
          འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། བུ་ཕྲུག་གི་སྙོར་སྐྱོང་གྲོན་དངུལ་ནི་བུ་ཕྲུག་གི་དོན་དངོས་དགོས་མཁོ་དང་ཕ་མ་ཕྱོགས་གཉིས་ཀྱི་ཁག་ཁུར་ནུས་པ། ས་གནས་ཀྱི་དོན་དངོས་འཚོ་བའི་ཆུ་ཚད་བཅས་ལ་བལྟས་ནས་ཐག་གཅོད་དགོས། གཏན་འཇགས་ཀྱི་ཡོང་སྒོ་ཡོད་ན།སྙོར་སྐྱོང་གྲོན་དངུལ་དེ་སྤྱིར་བཏང་གིས་དེའི་ཟླ་རེའི་ཡོང་སྒོའི20%ནས30%ཡི་བསྡུར་ཚད་ལྟར་སྟེར་དགོས་པ་དང་། བྱིས་པ་གཉིས་ཡན་གྱི་སྙོར་སྐྱོང་གྲོན་དངུལ་འཁུར་དགོས་ན། བསྡུར་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས་མོད། འོན་ཀྱང་སྤྱིར་བཏང་དུ་ཡོང་སྒོའི50%ལས་བརྒལ་མི་རུང་། གཏན་འཇགས་ཀྱི་ཡོང་སྒོ་མེད་ན། སྙོར་སྐྱོང་གྲོན་དངུལ་ནི་ལོ་དེའི་སྤྱིའི་ཡོང་སྒོ་དང་ཡང་ན་ལས་རིགས་གཅིག་པའི་མིའི་ཆ་སྙོམས་ཡོང་སྒོ་ལ་བལྟས་ནས་ཐག་གཅོད་དགོས། དམིགས་བསལ་གྱི་གནས་ཚུལ་ཡོད་ན།འོས་འཚམ་གྱིས་ཇེ་མཐོ་དང་ཡང་ན་ཇེ་དམའ་རུ་བཏང་ཆོག སྙོར་སྐྱོང་གྲོན་དངུལ་ནི་སྤྱིར་བཏང་གིས་དུས་བཅད་ལྟར་སྟེར་དགོས་པ་དང་།ཆ ་རྐྱེན་འཛོམས་ན་སྟེར་ཐེངས་གཅིག་གིས་བྱིན་ནའང་ཆོག  ཕྱོགས་གཅིག་ལ་ཡོང་སྒོ་མེད་པ་དང་ཡང་ན་གར་སོང་ཆ་མེད་དུ་གྱུར་ན། དེའི་རྒྱུ་ནོར་ནང་ནས་སྙོར་སྐྱོང་གྲོན་དངུལ་བཅག་ཆོག ཕ་མ་གཉིས་ཀས་གྲོས་བྱས་ཏེ་བྱིས་པ་ཕྱོགས་གཅིག་དང་མཉམ་དུ་འཚོ་བ་རོལ་ཏུ་བཅུག་ཆོག་མོད། འོན་ཀྱང་ཕྱོགས་དེའི་སྙོར་སྐྱོང་ནུས་པ་མངོན་བསལ་གྱིས་ཉམས་ཏེ་བྱིས་པའི་དགོས་མཁོར་འགན་སྲུང་བྱེད་མི་ཐུབ་པ་དང་། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་མི་ཕན་ན། སྙོར་སྐྱོང་དབང་ཆ་ལེན་དགོས། སྙོར་སྐྱོང་གྲོན་དངུལ་སྟེར་བའི་དུས་ཡུན་ནི་བྱིས་པ་ལོ18ལ་འབུད་རག་བར་དུ་ཡིན། ལོ16ཡན་དང18མན་གྱི་བྱིས་པས་ངལ་རྩོལ་ཡོང་སྒོ་དེ་འཚོ་བའི་ཡོང་སྒོ་གཙོ་བོ་བྱེད་ཀྱིན་ཡོད་པར་མ་ཟད། ས་གནས་ཀྱི་ཆ་སྙོམས་འཚོ་བའི་ཆུ་ཚད་ལ་སླེབས་ཐུབ་ན། ཕ་མས་སྙོར་སྐྱོང་གྲོན་དངུལ་སྟེར་མཚམས་བཞག་ཆོག ཁེར་རྐྱང་གི་འཚོ་བ་རོལ་མི་ཐུབ་པའི་ནར་མ་སོན་པའི་བུ་ཕྲུག་ལ་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་པ་དང་། ཕ་མར་ཡང་སྙོར་སྐྱོང་གྲོན་དངུལ་སྟེར་བའི་ནུས་པ་ལྡན་ན། སྙོར་སྐྱོང་གྲོན་དངུལ་མུ་མཐུད་དུ་སྟེར་དགོས་པ་སྟེ། གཅིག་ནི་ངལ་རྩོལ་ནུས་པ་ཤོར་བའམ་ཡང་ན་ངལ་རྩོལ་ནུས་པ་ཡོངས་རྫོགས་ཤོར་མེད་ནའང་། དེའི་ཡོང་སྒོས་འཚོ་བ་རོལ་བར་མི་འདང་བ།གཉིས་ནི་ད་རུང་སློབ་གྲྭ་རུ་ཡོད་པའི་སློབ་མ་ཡིན་པ།གསུམ་ནི་དངོས་གནས་ཁེར་རྐྱང་གིས་འཚོ་བ་རོལ་བའི་ནུས་པ་དང་ཆ་རྐྱེན་མི་འཛོམས་པ་བཅས་སོ། །
澳门百家乐网站官网 百家乐官方网站 江苏快三 百家乐网址大全 江苏快3 澳门网上百家乐 澳门百家乐交流群 澳门百家乐技巧 澳门百家乐网站官网 pk10官网