澳门国际百家乐

ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། 澳门国际百家乐ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
澳门国际百家乐ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ།

སྤེལ་དུས 2019-04-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་སྤྱི་ཚེས་27ཉིན་པེ་ཅིང་ཡན་ཆི་ཧུའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་སྒྲོག་སྒོར་དབུ་ཚོགས་འཚོགས་ཡོད་པ་རེད། ཁྱོན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་40ལྷག་ཙམ་གྱི་འགོ་ཁྲིད་པ་སྒྲོག་སྒོར་དབུ་ཚོགས་ལ་ཞུགས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཅེས་པའི་བརྗོད་དོན་གཙོ་བོར་གཞིགས་ཏེ། མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་དང་། སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན། དེ་བཞིན་སྦགས་བཙོག་མེད་པ་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་དོན་ཐད་དགོངས་འཆར་བརྗེ་རེས་གཏིབ་ཟབ་གནང་བ་དང་། དོན་དག་མང་པོའི་ཐད་དགོངས་འཆར་གཅིག་མཐུན་བྱུང་བ་མ་ཟད། མཉམ་འབྲེལ་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་ཡོད་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
             སྤྱི་ཟླ་བཞི་པའི་ཡན་ཆི་མཚེའུ་ཡི་འགྲམ་དུ་སྐུ་མགྲོན་དང་གྲོགས་པོ་ལྷན་འཛོམས་གནང་ཡོད། སྔ་དྲོ་ཆུ་ཚོད་10པ་ཙམ་ལ་ཚོགས་འདུར་ཕེབས་ཞུགས་གནང་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣ་རིམ་པས་ཚོགས་རར་ཕེབས་ཡོད། ཞི་ཅིན་ཕིང་གིས་ཁོང་རྣམ་པ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། ཕན་ཚུན་འཚམས་འདྲི་ཞུས་གནང་ཡོད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག ཞི་ཅིན་ཕིང་གིས་སྒྲོག་སྒོར་དབུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་སྟེ། ད་ལྟ་ངས་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡིན་ཞེས་གསུངས།
             ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས། སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འཚོགས་ནས་ལོ་གཉིས་སོང་རིང་། ང་ཚོས་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས། སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་ཆས་མཉམ་སྦྲེལ། ཉོ་ཚོང་ཤར་གཏོང། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་འབྲེལ་བཅས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་། འཛམ་གླིང་གོང་འཕེལ་ལ་བར་ཁམས་གསར་པ་གཏོད་ཡོད། ང་ཚོས་ད་ཐེངས་སླར་ཡང་མཐོ་རིམ་གླེང་སྟེགས་འཚོགས་པའི་དམིགས་ཡུལ་ནི། ཕྱོགས་ཁག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་དེ་གཏིང་ཟབ་པ་དང་དངོས་ཡོད་ཀྱི་ཕྱོགས་སུ་བསྐྱོད་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་རྒྱུའི་རེ་བ་འཛིན་པ་དེ་ཡིན་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས། ང་ཚོས་ཕྱོགས་ཁག་དང་ལྷན་དུ་མཉམ་ལས་འདུ་ཤེས་འཐུས་ཚང་དུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྒོ་དབྱེ་དང་། སྦགས་བཙོག་མེད་པ། སྤྱོད་གཙང་བཅས་ཀྱི་འདུ་ཤེས་ལ་གཞིགས་ནས། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཡོད་པ་བཅས་ཀྱི་དམིགས་འབེན་བརྩོན་ལེན་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུད་མཐུད་གོང་འཕེལ་གྱི་གྲོས་རིམ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་མཉམ་འདྲེས་བྱས་ནས་དཔལ་འབྱོར་འཕར་སྣོན་དང་། སྤྱི་ཚོགས་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།
             ཞི་ཅིན་ཕིང་གིས། ང་ཚོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་ཀྱི་གཙོ་གནད་གསལ་པོ་བཟོས་ནས། ཕྱོགས་ཡོངས་ནས་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། དེ་ཡང་མུ་མཐུད་ནས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུ་དང་། རིག་ནུས་བཟོ་སྐྲུན་དང་། གྲངས་གཞིའི་དཔལ་འབྱོར་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གོང་འཕེལ་ཐབས་ཇུས་ལག་བསྟར། ཁྲོམ་རའི་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། ཉོ་ཚོང་དང་མ་འཇོག་སྟབས་བདེ་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། མ་དངུལ་བསྡུ་རུབ་ཀྱི་སྣེ་མང་མ་ལག་དང་བང་རིམ་མང་བའི་མ་རྩའི་ཁྲོམ་ར་འཛུགས་སྐྲུན་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཁྱབ་བྱེད་པ། དམངས་འཚོའི་མཉམ་ལས་རྣམ་གྲངས་སྔར་བས་མང་བ་ལག་བསྟར་བཅས་བྱེད་དགོས། མདོར་ན་ཕྱོགས་ཡོངས་མཉམ་སྦྲེལ་མཉམ་མཐུད་ཐུབ་པ་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་རུབ་འདུས། དཔལ་འབྱོར་གོང་འཕེལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཕྱོགས་བསྡུས་ཕན་ནུས་ཐོན་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས་ང་ཚོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་སྒྲིག་གཞི་ཤུགས་ཆེར་བཏང་ནས། མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། མུ་མཐུད་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་། ས་ཁོངས་དང་རྒྱལ་སྤྱིའི་འཕེལ་རྒྱས་གྲོས་རིམ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། རོགས་ལས་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ། རྒྱལ་ཁབ་དང་ཁེ་ལས་སྔར་ལས་མང་བ་དེའི་ནང་ཐེ་ཞུགས་གཏིང་ཟབ་བྱ་རྒྱུར་སྐུལ་ལྕག་བྱས་ནས། ཐུན་མོང་ཁེ་ཕན་གྱི་སྒོང་ཐུད་ཆེ་རུ་གཏོང་དགོས། ཕྱོགས་མང་རིང་ལུགས་ཀྱི་སྙིང་སྟོབས་ལ་གཞིགས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྒྲིག་གཞིའི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཁྱབ་ཁོངས་ཁག་ནས་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱ་དགོས་ཞེས་ནན་སྟོན་གནང་འདུག
             དེ་རྗེས་སྒྲོག་སྒོར་དབུ་ཚོགས་ཀྱིས་དུས་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲོས་ཚོགས་འཚོགས་ཡོད་པ་རེད། ཚོགས་ཞུགས་འགོ་ཁྲིད་མི་སྣས་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས། འཕར་སྣོན་གྱི་སྒུལ་ཤུགས་གསར་པ་སྔོག་འདོན་བྱ་རྒྱུ་དང་། སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱབ་ནས། སྔར་བས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ། སྦགས་བཙོག་མེད་པ་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་སོགས་ཀྱི་གྲོས་དོན་ལ་གཞིགས་ནས་རྒྱ་ཁྱབ་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཐུན་མོང་ངོས་འཛིན་གཅིག་གྱུར་གལ་ཆེན་བྱུང་ཡོད་པ་རེད། ཕྱོགས་ཁག་ནས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱེད་པ་ཡིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་རྒྱུར་མཐོང་ཆེན་བྱས་ནས། སྤུས་ཚད་མཐོ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མ་དངུལ། ནུས་པའི་འབྱུང་ཁུངས། གྲངས་གཞི། རིག་སྟོབས་བཅས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བ་འཛུགས་སྐྲུན་བྱས་ནས། མུ་མཐུད་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། ཕྱོགས་ཁག་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་དེ་སྟེགས་བུར་བརྩི་བ་དང་། སྲིད་ཇུས་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་མ་ཟད་ཁྱབ་ཁོངས་ཁག་གི་མཉམ་ལས་ནང་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། སྔ་བར་ཕྱི་གསུམ་དུ་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ནས། སྔར་བས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཕྱོགས་ཁག་ནས་འབག་བཙོག་མེད་པ་དང་རྒྱུན་མཐུད་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱུད་རིམ་ནང་གོང་འཕེལ་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཐོན་ཁུངས་གྲོན་ཆུང་ཅན་དང་། ཁོར་ཡུག་མཛའ་མཐུན་ཅན་གྱི་མཉམ་ལས་རྣམ་གྲངས་སྔར་བས་མང་བ་སྤེལ་རྒྱུར་ཚང་མས་རྒྱབ་སྐྱོར་བྱས་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་འཛམ་གླིང་གོང་འཕེལ་བྱ་གཞག་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པའི་ངོས་འཛིན་གནང་ཡོད།
             ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་ནི་དེང་གི་འཛམ་གླིང་ཐོག་ཆེས་རླབས་ཆེ་བའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་འགོའི་གྲས་ཤིག་ཡིན་པ་དང་། དེས་རྒྱལ་ཁབ་བར་དང་ས་ཁུལ་བར་གྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་ཐེབས་རྒྱུར་ཕན་པ་ཡོད་པ་དང་། ཉོ་ཚོང་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྒྱུན་མཐུད་གོང་འཕེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཐེབས་རྒྱུར་ཕན་པ་ཡོད་པ། འགྲམ་རྒྱུད་ས་ཁུལ་གྱི་མི་དམངས་བར་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བསྔགས་བརྗོད་གནང་ཡོད་པ་རེད། ཚོགས་ཞུགས་འགོ་ཁྲིད་པས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་བྱས་ནས་ལོ་ལྔ་ལྷག་སོང་རིང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་དེ་བཞིན་རྒྱལ་ཁབ་ཁག་ལ་ཐོབ་པའི་ཁ་ཡོད་ལག་ཡོད་ཀྱི་ཕན་ཁེ་དང་། རྒྱལ་སྤྱིའི་མཉམ་ལས་གོང་འཕེལ་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཐད་དགེ་མཚན་ལྡན་པའི་གདེང་འཇོག་གནང་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད། ཁོང་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ལན་ཆ་ཆེན་པོ་བྱས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་བ་དེས་དགེ་མཚན་ལྡན་པའི་བརྡ་འཕྲིན་བཏང་ཡོད་པ་དང་། དེས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། ཕྱོགས་ཁག་གིས་ཀྲུང་གོའི་ཕྱོགས་ནས་སྐབས་འདིའི་མཐོ་རིམ་གླེང་སྟེགས་གཉེར་ཆེད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། རང་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་སྦྲེལ་མཐུད་བྱ་འདོད་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ཏེ་རྒྱུད་གཅིག་ལམ་གཅིག་འཛུགས་འཛུགས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་མི་དམངས་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
             ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་45ཡི་ཐོག གྲོས་ཚོགས་མཇུག་སྒྲིལ་བའི་ལྷུ་ཚིགས་ལ་སླེབས་ཡོད་པ་དང་། ཕྱོགས་ཁག་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཅེས་པ་སྟེ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་ཡོད་པ་རེད།
             ཞི་ཅིན་ཕིང་གིས་མཇུག་སྒྲིལ་ཤིས་ཚིག་གསུངས་རྗེས། སྒྲོག་སྒོར་དབུ་ཚོགས་མཇུག་སྒྲིལ་བའི་ཁྱབ་བསྒྲགས་གནང་ཡོད་པ་རེད།
             དེ་རྗེས། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་མཇལ་འཛོམས་གནང་བ་དང་། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེངས་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་ཀྱི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཚོགས་ཞུགས་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བས་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དང་གྲོས་གཞིར་གཞིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། མཉམ་ལས་ཀྱི་འདུ་ཤེས་འཐུས་སྒོ་ཚང་དུ་བཏང་བ། མཉམ་ལས་ཀྱི་གཙོ་གནད་ཁ་གསལ་དུ་བཏང་བ། མཉམ་ལས་ཀྱི་སྒྲིག་གཞི་སྟོབས་ཆེར་བཏང་བ། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུའི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།
             ཞི་ཅིན་ཕིང་གིས། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་ཐོན་པའི་འཕེལ་རིམ་དང་དོན་སྙིང་ལ་དགེ་མཚན་ལྡན་པའི་གདེང་འཇོག་བྱེད་ཀྱི་ཡོད། ང་ཚོ་ཚང་མས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་ནི་ཐུན་མོང་དར་རྒྱས་ཕྱོགས་སུ་སྐྱོད་པའི་གོ་སྐབས་ལྡན་པའི་ལམ་བུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས་ལོ་ལྔ་ལྷག་སོང་རིང་དང་། ལྷག་པར་དུ་སྐབས་དང་པོའི་མཐོ་རིམ་གླེང་སྟེགས་འཚོགས་ཚུན། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་ཐོབ་པའི་དུས་མཚམས་སྔ་མའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་དང་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་དེ་བས་མང་བའི་བར་ཁམས་གཏོད་ཡོད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྟེགས་བུ་བསྐྲུན་ཡོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་ཡོད་པ་རེད།
             ཞི་ཅིན་ཕིང་གིས། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་འདུ་ཤེས་ཕུན་སུམ་ཚོགས་སུ་བཏང་བ་དང་། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་པོའི་ཐོག་ནས་རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་བསྐྱར་བཤད་མགྲིན་གཅིག་ཏུ་བྱས་ཡོད། ང་ཚོས་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས། སྒོ་དབྱེ་དང་། སྤྱོད་གཙང་། སྦགས་མེད་བཅས་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང་། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་རུང་བ་བཅས་ཀྱི་འདུ་ཤེས་ལག་བསྟར་གྱིས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་དང་། དཔལ་འབྱོར། སྤྱི་ཚོགས། ཁོར་ཡུག་བཅས་མཐུན་སྦྱོར་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་མོས་མཐུན་བྱས་ཡོད། ང་ཚོའི་ཐུན་མོང་གི་དམིགས་འབེན་ནི། ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཐོག རྒྱལ་ཁབ་ཁག་བར་གྱི་མཉམ་འབྲེལ་མཉམ་མཐུད་ཕན་འབྲས་དེ་བས་ཆེ་བ་དང་། དཔལ་འབྱོར་འཕར་སྣོན་དེ་བས་ཤུགས་དང་ལྡན་པ། རྒྱལ་སྤྱིའི་མཉམ་ལས་དེ་བས་དམ་ཟབ་ཡིན་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་སུ་འགྱུར་བ་བྱ་རྒྱུ་དེ་ཡིན་ཞེས་བསྟན་འདུག
             ཞི་ཅིན་ཕིང་གིས། ང་ཚོས་མ་འོངས་པར་རྒྱུད་གཅིག་ལམ་མཉམ་འཛུགས་བྱེད་པའི་མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཟོས་ཟིན་པ་དང་། ཆ་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་པོར་མཉམ་ལས་བྱ་རྒྱུའི་ཐག་བཅད་ཟིན། ང་ཚོས་སྐམ་ཐོག་དང་། མཚོ་ཐོག བར་སྣང་། དྲ་སྦྲེལ་བཅས་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ཚད་མཐོ་བ་དང་། རྒྱུན་མཐུད་རུང་བ། ཉེན་ཁ་འགོག་པ། རིན་གོང་ལུགས་མཐུན། ཁོག་ཡངས་ཆོག་རུང་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་བྱ་རྒྱུ་ཡིན། ང་ཚོས་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཁྱབ་ངང་བྱེད་པ་དང་། དམངས་ཀྱི་འཚོ་བའི་ཐད་ཀྱི་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱ་རྒྱུར་མོས་མཐུན་བྱས་པ་ཡིན། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གོང་འཕེལ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་བྱ་གཞག་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཆབས་ཅིག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོང་འཕེལ་གྱི་འགོག་རྐྱེན་སེལ་ནས། དེ་བས་ལེགས་པའི་ཐོག་ནས་གོ་ལ་ཧྲིལ་པོའི་རིན་ཐང་མུ་ཁྱུད་དང་། ཐོན་ལས་མུ་ཁྱུད། མཁོ་སྤྲོད་མུ་ཁྱུད་བཅས་ནང་ཞུགས་པ་དང་ཆབས་ཅིག་དེའི་ནང་ནས་ཕན་པ་ཐོབ་པ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག
             ཞི་ཅིན་ཕིང་གིས། ང་ཚོས་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་པའི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མཉམ་ལས་སྒྲིག་གཞིར་ཤུགས་སྣོན་རྒྱག་བཞིན་ཡོད། ང་ཚོས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གོང་སྤེལ་གྲོས་འགོ་དང་སྒྲིག་སྲོལ་སྦྲེལ་མཐུད་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་ཟོག་འདྲེན་དང་ཉོ་ཚོང་ལམ་ཆེན་བསྐྲུན་ནས། རྒྱལ་ཁབ་དེ་བས་མང་བས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་ཀྱིས། མཐོ་རིམ་གླེང་སྟེགས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ཁྱབ་ཁོངས་ཁག་གི་ཕྱོགས་མང་དང་ཕྱོགས་གཉིས་མཉམ་ལས་ཀྱི་འདེགས་སྐྱོར་གྲུབ་པ་བྱ་རྒྱུ་ཡིན། ཕྱོགས་ཁག་གིས་ཡོངས་ཁྱབ་ངང་། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནི་ཕྱོགས་མང་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱས་པ་དང་། མཐོ་རིམ་གླེང་སྟེགས་རྒྱུན་རྣམ་ཅན་དུ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ངོས་འཛིན་བྱས་ཡོད་ཅེས་བསྟན་འདུག
             ཞི་ཅིན་ཕིང་གིས། ང་ཚོ་ཚང་མས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད། ཐེངས་འདིའི་གླེང་སྟེགས་ཀྱི་སྟ་གོན་སྐབས་དང་གཉེར་བའི་སྐབས་ཕྱོགས་ཁག་བར་མཉམ་ལས་རྣམ་གྲངས་ཀྱི་གྲོས་ཆོད་283ཙམ་འཇོག་ཐུབ་ཡོད། གླེང་སྟེགས་སྐབས་གཉེར་བའི་ཁེ་ལས་པའི་ཚོགས་ཆེན་ལ་བཟོ་ཚོང་ལས་རིགས་ཀྱི་མི་འབོར་ཆེན་ཞུགས་པ་དང་། སྤྱི་འབོར་ཨ་སྒོར་དུང་ཕྱུར640ཟིན་པའི་རྣམ་གྲངས་ཀྱི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། གྲུབ་འབྲས་དེ་དག་གི་ཐོག་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དེ་རླབས་རྒྱུན་དང་མཐུན་པ་དང་། དམངས་སེམས་ཀྱི་རྒྱབ་སྐྱོར་ཐོབ་པ། དམངས་འཚོར་ཕན་ཐོགས་པ། གནམ་འོག་ལ་ཕན་ཐོགས་པ་བཅས་ཡིན་པའི་གསལ་བཤད་གང་ལེགས་ཐུབ་ཡོད་ཅེས་གསུངས་འདུག
             ཞི་ཅིན་ཕིང་གིས། སྐབས་འདིའི་གླེང་སྟེགས་ཀྱིས་ཕྱི་ཕྱོགས་ལ་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད་པ་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོགས་ཚོམས་རྒྱ་ཇེ་ཆེར་འགྲོ་བ་དང་། རོགས་པ་དེ་བས་མང་དུ་འགྲོ་བ། མཉམ་ལས་ཀྱི་སྤུས་ཚད་དེ་བས་མཐོ་རུ་འགྲོ་བ། གོང་འཕེལ་གྱི་མདུན་ལྗོངས་དེ་བས་ཡག་ཏུ་འགྲོ་བ་དེ་རེད། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་གྲོས་མཐུན་ཁག་དོན་འཁྱོལ་ཡག་པོ་བྱས་ནས། ཞིབ་བྲིས་རི་མོ་འབྲི་བའི་སྙིང་རུས་ཀྱི་ཐོག་ནས། ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་དེ་དེ་བས་ཟབ་སྐྱོད་དངོས་སྐྱོད་དང་། བརྟན་བགྲོད་རྒྱང་བཞུད། སྤུས་ལེགས་གོང་འཕེལ་བཅས་ཡོང་བ་བྱས་ནས། དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་འདུག
             སྒྲོག་སྒོར་དབུ་ཚོགས་གྲོལ་རྗེས། ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། སྐབས་འདིའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཐོ་བཀྲམ་པ་དང་། ཉིན་དེའི་ཉིན་དགུང་ཞི་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བས་མཉམ་པར་བསྐྱོན་ཡོད་པ་རེད།
             ཏིང་ཞོལ་ཞང་དང་། ཡང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཚའེ་ཆི། ཝང་དབྱི། ཀྲའོ་ཁེ་ཀྲེ། ཧོ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
澳门百家乐网站官网 澳门网上百家乐 安徽快3 澳门在线百家乐 澳门百家乐规则 澳门葡京百家乐 江苏快3 安徽快3 安徽快三 澳门百家乐网站