澳门国际百家乐

སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། 澳门国际百家乐ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། 澳门国际百家乐དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། 澳门国际百家乐ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན།

སྤེལ་དུས 2019-04-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          མཚོ་ངོས་ལས་མཐོ་ཚད་སྨི5500ཡིན་པའི་ཨ་ཆེན་གངས་རྒྱབ་ཞེས་པའི་མི་མེད་ལུང་སྟོང་དེ་རུ།  ཁ་ལོ་བ་སྦྱིན་པ་ལམ་ཐོག་ཏུ་བསྐྱོད་བཞིན་ཡོད། གློ་བུར་དུ་ཁོས་སེམས་ཆུང་མ་བྱས་པར་ལུག་གཅིག་ལ་ཐུག་བརྒྱབ་ནས་ལྔ་ལམ་དུ་བརྫངས་སྟབས། དགོན་པར་སོང་ནས་ལུག་གི་རྣམ་ཤེས་དག་ཞིང་དུ་འདྲེན་པར་སེམས་ཐག་བཅད། ཡང་མིང་ལ་སྦྱིན་པ་ཟེར་བའི་མི་གཞན་པ་ཞིག་གིས་རང་གི་ཕ་གསོད་ལག་དམར་བཙལ་ནས་དགྲ་ཤ་ལེན་རྩིས་ཡོད།  མཚོ་ངོས་ལས་མཐོ་ཚད་སྨི5500ཡིན་པའི་མཐོ་སྒང་འདི་རུ།  མིང་ལ་སྦྱིན་པ་ཟེར་བའི་ཕོ་རྒོད་འདི་གཉིས་ཀྱི་ལས་དབང་གཅིག་ཏུ་སྦྲེལ།  “འཁོར་བ་”དང་“འདོར་བ”ཞེས་པ་དང་འབྲེལ་བའི་གཏམ་རྒྱུད་ཅིག་གི་འགོ་བརྩམས། ཟླ4པའི་ཚེས26ཉིན། 《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན།

གློག་བརྙན་《ལག་དམར》གྱི་མཇུག་མཐའི་རྒྱ་ཁྱབ་བརྡ་སྦྱོར།
པདྨ་ཚེ་བརྟན།
          ཕལ་ཆེར་2006ལོར་པདྨ་ཚེ་བརྟན་གྱིས་དམིགས་ཡུལ་མེད་པའི་སྒོ་ནས་ཚགས་དེབ་ཚོང་ཁང་ནས་《སྒྲུང་གཏམ་བདམས་དེབ》ཅེས་པའི་དེབ་ཅིག་ཉོས་ནས་ཚེ་རིང་ནོར་བུའི་སྒྲུང་ཐུང《ལག་དམར》ཞེས་པ་དེ་མཐོང་། “སྒྲུང་གཏམ་དེའི་དོན་གྱི་བྱུང་རིམ་དང་། ཡིད་བརྙན་བཀོད་སྟངས། དགྲ་ཤ་ལེན་པའི་ཐག་གཅོད་བྱེད་སྟངས། རྨི་ལམ་གྱི་ལྗོངས་རྣམ་སོགས་ལས་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས། དེ་ནས་དེ་འཁྲུབ་གཞུང་ལ་བསྒྱུར་རྒྱུའི་ཐག་བཅད། འོན་ཀྱང་སྒྲུང་གཏམ་དེ་ལ་ཡིག་གྲངས་སྟོང་ཕྲག་བདུན་བརྒྱད་ལས་མེད་ཅིང་།  འཁྲབ་གཞུང་ལ་བཅོས་སྒྲིག་བྱེད་པར་མི་འདང་ཁོ་ཐག་རེད། དེའི་སྟབས་ཀྱིས་ང་རང་གི་སྒྲུང་གཏམ《ལུག་གཅིག་ལྔ་ལམ་དུ་བརྫངས་པ》ཞེས་པ་དེ་ཡིད་ལ་འཁོར།”ཞེས་པདྨ་ཚེ་བརྟན་གྱིས་དེ་ལྟར་བཤད། ཁོས་ཉིན་བཅུ་ལྷག་རིང་ལ་སྒྲུང་གཏམ་འདི་གཉིས་མཉམ་དུ་བསྡེབས་ཏེ་གློག་བརྙན་གྱི་འཁྲབ་གཞུང་འདི་ལེགས་པར་གྲུབ།
          དེ་ནས་བཟུང་འཁྲབ་གཞུང་གི་ཞུ་དག་གཏན་འབེབས་དང་མ་རྩ་གཏོང་བ་སོགས་ཀྱིས་བྲེལ་བས་གློག་བརྙན་ཕབ་བསྐྲུན་བྱེད་ཁོམ་མ་བྱུང་། 2017ལོར་པདྨ་ཚེ་བརྟན་དང་ཙུའུ་ཏུང་གློག་བརྙན་ལས་རིགས་དང་མཉམ་འབྲེལ་བྱས། སྐབས་དེར་ཕྱོགས་གཉིས་ཀས་བོད་ཀྱི་བརྗོད་དོན་གློག་བརྙན་ཞིག་ཕབ་འདོད་ཡོད་པས། འཁྲབ་གཞུང《ལག་དམར》གྱི་ལས་གཞི་ལ་ཆོག་མཆན་ཐོབ། བང་ཅ་ཝེས་འཁྲབ་གཞུང་དེ་མཐོང་རྗེས་དགའ་སྤྲོའི་ངང་ཁོ་རང་གློག་བརྙན་འདིའི་ལྟ་སྐུལ་བཟོ་བཅོས་པ་བྱེད་པར་ཐག་བཅད།
          པདྨ་ཚེ་བརྟན་གྱིས་བཤད་རྒྱུར། བང་ཅ་ཝེས་གློག་བརྙན་འདིའི་ལྟ་སྐུལ་བཟོ་བཅོས་པའི་འགན་འཁུར་པ་དེས་གློག་བརྙན་ལ་ཐེབས་པ་ནི་ཐོག་མར་གསར་གཏོད་ཀྱི་རིམ་པའི་ལྟ་སྐུལ་ཡིན་པར་བརྗོད། “འཁྲབ་གཞུང་གི་གསར་རྩོམ་གོ་རིམ་ཁྲོད་ནས་བཟུང་། ང་ཚོས་གྲོས་བསྡུར་ཡག་པོ་བྱས་པ་ཡིན། དེ་ལས་གཞན་ལག་རྩལ་གྱི་ངོས་ཐད་ནས། ཁོས་ཐོན་ཁུངས་མང་པོ་ཞིག་མཚམས་སྦྱོར་གནང་། ཁོང་དང་མཉམ་འབྲེལ་བྱས་མྱོང་པའི་ཀྲང་ཧྲའོ་ཕིང་དང་ཏུའུ་ཏའོ་ཀྲི། ལིན་ཆང་སོགས་གསར་གཏོད་པ་གཙོ་བོ་དེ་དག་གི་མཉམ་ཞུགས་ལས། གློག་བརྙན་འདི་ལ་ལེགས་ཆ་མང་པོ་ལྡན་པར་གྱུར། ”
          དེ་ནས་ཙེ་ཏུང་གློག་བརྙན་ལས་རིགས་དང་ཧྲིན་ཐང་དུས་རབས་གཉིས་ཀྱིས་གློག་བརྙན་ཕྱིར་སྟོན་པ་དང་། བང་ཅ་ཝེས་ལྟ་སྐུལ་བཟོ་བཅོས་བྱེད་པ། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་ལག་བསྟར་བྱེད་པ། ཀྲང་ཧྲའོ་ཕིང་གིས་དྲས་སྒྲིག་བྱེད་པ། ཏུའུ་ཏའོ་ཀྲི་ཡིས་སྒྲ་སྐད་མཛུབ་སྟོན་བྱེད་པ། ལིན་ཆང་གིས་རམ་འདེགས་རོལ་མོའི་འགན་འཁུར་བ། ལོའུ་སུང་ཡའེ་ཡིས་བརྙན་ཕབ་མཛུབ་སྟོན་བྱེད་པ། བོད་ཀྱི་འཁྲབ་སྟོན་པ་སྦྱིན་པ་དང་དགེ་འདུན་ཕུན་ཚོགས། བསོད་ནམས་དབང་མོ་བཅས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན《ལག་དམར》དུས་དང་མཐུན་པར་ལེགས་འགྲུབ་བྱུང་།
          2017ལོའི་ཟླ་9པའི་ཚེས་28ཉིན། གློག་བརྙན《ལག་དམར》དེ་ཨ་ཆེན་གངས་རྒྱབ་ཀྱི་ཆུ་དམར་ཆུ་བོའི་འགྲམ་ནས་དངོས་སུ་ཕབ་འགོ་བརྩམས། ཉིན་དེར་གནམ་གཤིས་ཧ་ཅང་གྲང་ངར་ཆེ་མོད། འོན་ཀྱང་ཚང་མ་སྤྲོ་སེམས་ཀྱིས་ཁེངས་ཡོད། ལོ་མང་པོའི་རིང་ལ་གྲ་སྒྲིག་བྱས་པའི་གློག་བརྙན་དེ་ད་གཟོད་དངོས་སུ་ཕབ་ལེན་བྱས་པས། པདྨ་ཚེ་བརྟན་གྱི་སེམས་པ་ཅུང་བདེ་ལ་བབས།
          མཚོ་ངོས་ལས་མཐོ་ཚད་སྨི་5500ཡིན་པའི་ཨ་ཆེན་གངས་རྒྱབ་འདི་རུ་རྫ་དུག་རྒྱག་པ་ནི་འཁྲབ་ཚོགས་རུ་མི་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད།  པདྨ་ཚེ་བརྟན་གྱིས་བཤད་རྒྱུར།  ང་ཡང་བློ་མི་བདེ་བའི་ཚོར་བ་ཞིག་སྟེར་ཟེར།  མཐོ་སྒང་ནས་འཚར་ལོངས་བྱུང་བའི་མཐོ་སྒང་གི་མི་ཞིག་ཕྱིར་མཐོ་སྒང་དུ་ལོག་དུས་དབུགས་འཚངས་པའི་ཚོར་བ་སོགས་སྐྱེས་འོང་བས། ཁོས་ཧ་ཅང་ངོ་གནོངས་དགོས་པར་བསམ་ཡོད།
          རྫ་དུག་རྒྱག་པར་སེམས་ཆུང་བྱེད་དགོས་པ་ལས་གཞན། གློག་བརྙན་ཕབ་ལེན་གྱི་ལས་ཀ་ཧ་ཅང་ལྕི་བ་དང་། ཕབ་ལེན་གྱི་གོ་རིམ་ཤིན་ཏུ་གཟབ་ནན་ཡིན་ལ། ལྷག་པར་དུ་སྦྱིན་པ་གཉིས་ཀའི་ཇ་ཁང་གི་འཁྲབ་སྟོན་ཏེ། “སྦྱིན་པ་གཉིས་ཀ་ཆེས་མཐའ་མཇུག་ཏུ་ཕན་ཚུན་སྣང་བརྙན་གྱི་རྣམ་པ་ཐོན་དགོས་པས། ཇ་ཁང་གི་རྣམ་པ་དང་ངང་ཚུལ་སོགས་ངེས་པར་དུ་ཆ་མཐུན་དགོས།” དེ་བས་འཁྲབ་སྟོན་ཚོ་ཆུང་གིས་ཁ་ལོ་བ་སྦྱིན་པས་ཇ་ཁང་དུ་འཁྲབ་སྟོན་བྱེད་པའི་རྣམ་པ་ཕབ་ལེན་བྱེད་སྐབས་མཐའ་འཁོར་གྱི་རྣམ་པ་ཚང་མ་པར་བརྒྱབ་ནས་ཉར་ཚགས་བྱས་ཏེ། རྗེས་ཕྱོགས་ད་དུང་ལག་དམར་སྦྱིན་པས་ཇ་ཁང་ནས་འཁྲབ་སྟོན་བྱེད་སྐབས། དེ་དང་ཞིབ་ཕྲའི་བསྡུར་བ་ཡོད་པར་བྱས།
གློག་བརྙན《ལག་དམར》གྱི་འཁྲབ་སྟོན་མི་སྣ་གཙོ་བོ་ལག་དམར་དང་ཁ་ལོ་བ།
གློག་བརྙན་《ལག་དམར》གྱི་འཁྲབ་སྟོན་མི་སྣ་གཙོ་བོ་ཇ་ཁང་གི་སྦྱིན་བདག་མ་སྟེ།  བོད་ཀྱི་འཁྲབ་སྟོན་པ་བསོད་ནམས་དབང་མོས་འཁྲབ་སྟོན་བྱས།
          པདྨ་ཚེ་བརྟན་དང་དེའི་རྒྱབ་ཀྱི་རྩེ་གྲས་རུ་ཁག་གིས་མཉམ་དུ་ཡི་གེ་བརྙན་ངོས་སུ་ཕབ་རྗེས་ཁྱད་ཆོས་ངོ་མཚར་བ་གྲུབ་པས། རིམ་བཞིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་གི་གདེངས་འཇོག་བཟང་པོ་ཐོབ། 2018ལོའི་ཝེ་ནཱེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས75པར་ཐེངས་དང་པོ་བསྟན་པར་གནམ་སའི་མཚམས་ཞེས་པའི་འགྲན་བསྡུར་སྡེ་ཚན་ཁྲོད་འཁྲབ་གཞུང་རྩེ་གྲས་ཀྱི་བྱ་དགའ་ཐོབ། གསེར་གྱི་གྱི་ལིང་བྱ་དགའ་སྐབས་54པའི་འཁྲབ་འཁྲིད་པ་རྩེ་གྲས་དང་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲས་ཀྱི་མིང་ཐོར་ཚུད་པ་དང་། ཨ་ཤེ་ཡའི་གློག་བརྙན་བྱ་དགའི་གློག་བརྙན་རྩེ་གྲས་དང་འཁྲབ་འཁྲིད་པ་རྩེ་གྲས། བརྙན་ལེན་རྩེ་གྲས། རོལ་དབྱངས་གསར་གཏོད་རྩེ་གྲས་བཅས་ཀྱི་ཚན་པར་ཚུད། གདེངས་འཇོག་གང་མང་ཐོབ་མྱོང་པའི་གློག་བརྙན་འདི་ཟླ་4པའི་ཚེས་26ཉིན་རྒྱལ་ཁབ་སྒྱུ་རྩལ་གློག་བརྙན་ཕྱིར་སྟོན་མནའ་མཐུན་ཆེད་སྤྱོད་སྐུད་ལམ་བརྒྱུད་ནས་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བསྟར།
ཟླ་4པའི་ཚེས་21ཉིན། ཀོང་ཀྲུའུ་ལུའུ་ཡན་བྱེད་སྒོའི་སྟེང་པདྨ་ཚེ་བརྟན་དང་གློག་བརྙན་མོས་པ་ཡོད་མཁན་ཚོའི་མཉམ་པར།
          མཚོ་ངོས་ལས་སྨི་5500ཡོད་པའི་ཨ་ཆེན་གངས་རྒྱབ་ཏུ་ཁ་ལོ་བ་ཅིའི་ཕྱིར་རང་དང་མིང་མཚུངས་པའི་ལག་དམར་དང་འཕྲད་པ་ཡིན་ནམ། ཐུག་བརྒྱབ་ནས་བསད་པའི་ལུག་དང་ལག་དམར་གྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ། རྣམ་པ་རྩུབ་པོ་ཡིན་པའི་ཁ་ལོ་བ་ཅིའི་ཕྱིར་དབྱི་ཐ་ལིའི་རོལ་དབྱངས་གྲགས་ཅན《ང་ཡི་ཉི་མ》ལ་ཉན་རྒྱུར་དགའ་བ་ཡིན་པ་སོགས་གློག་བརྙན་དུ་ལྐོག་གྱུར་གྱི་གསང་བ་ཧ་ཅང་མང་། གཅིག་བྱས་ན་གཟིགས་མོ་བ་ཚོས་གློག་བརྙན་གྱི་ཆེས་མཇུག་མཐའི་བོད་ཀྱི་གཏམ་དཔེ “གལ་སྲིད་ངའི་རྨི་ལམ་ཁྱེད་ལ་བརྗོད་པ་ཡིན་ན། ཁྱེད་ཀྱིས་ཕལ་ཆེར་བརྗེད་འགྲོ་ངེས་རེད། གལ་སྲིད་ཁྱེད་རང་ངའི་རྨི་ལམ་དུ་ཞུགས་སུ་བཅུག་ན། དེའང་ཁྱེད་ཀྱི་རྨི་ལམ་དུ་འགྱུར་ངེས།”ཞེས་པའི་གནད་འགག་གི་སྐད་ཆ་འདི་འཁྱེར་ཏེ་གློག་བརྙན་ཁང་དུ་སོང་ནས་རང་རང་གི་དྲི་ལན་འཚོལ་དགོས་རྒྱུ་རེད།
线上百家乐网址大全 百家乐官方网站 百家乐官方网站 在线玩百家乐 安徽快3 百家乐网址 澳门百家乐代理 澳门葡京百家乐 澳门百家乐网站官网 澳门网上百家乐